大宝法王:我上世给你的佛珠带来了吗?
སྐྱབས་མགོན་ཀརྨ་པས་གསུང་པར། ངས་ཚེ་སྔོན་མ་ཁྱོད་ལ་སྤྲད་པའི་ཕྲེང་བ་དེ་འཁྱེར་ཡོད་དམ།


    ཀརྨ་པ་སྐུ་ཕྲེང་བཅུ་དྲུག་མྱང་འདས་མ་སོང་གོང་རིན་པོ་ཆེ་ཞིག་རླུང་རྟ་དགོན་དུ་ཁོང་མཇལ་ཁ་ཞུ་བར་བཅར།རིན་པོ་ཆེ་དེ་ཁ་མ་གྱེས་གོང་སྐྱབས་མགོན་ཀརྨ་པས་གློ་བུར་དུ་ཕྲེང་བ་ཞིག་བསྣམས་ནས་རིན་པོ་ཆེར་ཕྲེང་བ་འདི་གནས་སྐབས་ཁྱོད་ཀྱི་སར་འཇོག་ནས་ཕྱིས་སུ་ལེན་པ་ཡོང་རྒྱུ་ཡིན་ཞེས་གསུངས་ནས་ཁོང་གི་ཕྱག་ཏུ་སྤྲད།རིན་པོ་ཆེ་དེས་གུས་བཀུར་ཆེན་པོས་ཕྲེང་བ་བསྣམས་ནས་ཕྱིར་ལོག་ཕེབས།ཉིན་ཤས་མ་སོང་བར་སྐྱབས་མགོན་ཀརྨ་པ་སྐུ་མྱ་ངན་ལས་འདས།སྐབས་དེར་རིན་པོ་ཆེ་དེའི་ཐུགས་སུ་ཕྲེང་བ་དེ་ཚེ་གང་རང་གི་སར་འབུལ་རྒྱུ་འདྲ་དགོངས།
    第16世大宝法王还没圆寂的时候,有一位仁波切去隆德寺拜见他。他离开前,法王忽然拿出一串佛珠对他说:「我这串佛珠暂时先放在你那裡一段时间,将来我会再向你要回的。」这位仁波切很恭敬的把佛珠拿回去供着了。过了一段时间以后,第16世大宝法王就圆寂了。这位仁波切就想,看来佛珠是永远放在他这裡供奉了。 

    རིན་པོ་ཆེ་དེའི་སློབ་དཔོན་ནི་ཞབས་མ་པ་ཡིན།དེར་བརྟེན་ཀརྨ་པ་སྐུ་ཕྲེང་བཅུ་བདུན་ངོས་འཛིན་ལ་བདེན་རྫུན་གཉིས་ཀྱི་ཀརྨ་པ་བྱུང་སྐབས་རིན་པོ་ཆེ་དེའི་སློབ་དཔོན་དང་ཞབས་མ་པའི་རིན་པོ་ཆེ་ཁག་གཅིག་གི་མཐའ་ཡས་རྡོ་རྗེ་ལ་རྒྱབ་སྐྱོར་བྱེད།འོན་ཀྱང་ཁོང་གི་སེམས་སུ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཡང་ངོས་འཛིན་གྱི་ཡོད་རྒྱུ་མཚན་ནི་བློ་ཐབས་འདོན་སྟངས་ལས་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཀརྨ་པའི་ཡང་སྲིད་དངོས་ཡིན་པ་ར་སྤྲོད།འོན་ཀྱང་ཞབས་མ་པ་ནི་ཁོང་གི་སློབ་དཔོན་ཡིན་པར་བརྟེན་སློབ་དཔོན་གྱི་རེ་འདོད་ལ་རྒྱབ་འགལ་བྱེད་མི་ཕོད།གནད་དོན་དེ་གཉིས་དབར་འདེམས་ག་ལེགས་པ་ཞིག་ཇི་ལྟར་བྱ་དགོས་པ་མི་ཤེས་པར་ཅི་བྱ་གཏོལ་བྲལ་དུ་གྱུར།
    这位仁波切的上师是夏玛巴,所以17世大宝法王的认证出现一真一假噶玛巴时,他和一些夏玛巴的仁波切站在了支持泰耶多杰的这边,但他内心对乌金钦列多杰却也是认同的,因为从一切的授记来看,乌金钦列多杰才是真正的噶玛巴。但夏玛巴又是他的上师,所以他不敢违背上师的意愿,这令他很苦恼,站在矛盾的两方不知该如何作出正确的选择。

    ཕྱིས་སུ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་བོད་ནས་རྒྱ་གར་དུ་ཕེབས་པའི་དུས་རིན་པོ་ཆེ་དེས་རང་གི་འབྱེད་པར་དཀའ་བའི་དོགས་གཞི་སེལ་ཆེད་རྒྱ་གར་དུ་ཀརྨ་པ་འཇལ་ཁ་ཞུ་བ་བཅར་སྐབས་དེར་སྐྱབས་མགོན་ཀརྨ་པས་རིན་པོ་ཆེ་འཕྲད་མ་ཐག་འདི་ལྟར་གསུང་།ཁྱོད་གཞི་ནས་འབྱོར་བྱུང་ཚེ་སྔོན་ཁྱོད་ལ་བཅོལ་བའི་ཕྲེང་བ་དེ་འཁྱེར་ཡོད་དམ།དེ་གནས་སྐབས་ཁྱོད་ཀྱི་སར་བཅོལ་བ་ཙམ་ཡིན།ཁྱོད་ཀྱི་བསམ་པར་ངས་བརྗེད་པ་རེད་སྙམ་བྱུང་ངམ།ཞེས་དྲིས།དེ་ཐོས་མ་དག་རིན་པོ་ཆེ་དེ་ངོ་གདོང་མཆི་མས་བརླན་ཞིང་ཀརྨ་པའི་ཞབས་དྲུང་དུ་པུས་མོ་བཙུགས་ནས་འགྱོད་བཤགས་བྱས།དུས་དེ་ནས་བཟུང་རིན་པོ་ཆེ་དེ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་རྗེས་སུ་འབྲངས་ནས་མཐའ་གཅིག་ཏུ་ཀརྨ་པར་བསྙེན་བཀུར་ཞབས་ཏོག་བསྒྲུབ་པ་མ་ཟད་ཞབས་མ་པ་རིན་པོ་ཆེ་མང་པོ་ཞིག་ལ་གོ་བསྐོན་བློ་འགུགས་བྱེད་ཐུབ་པ་བྱུང་ཡོད།
    后来噶玛巴乌金钦列多杰从西藏来了印度,这位仁波切就去达兰萨拉拜见他,希望解开心中的疑惑。噶玛巴一见到他就说: 「你终于来了!我上一世给你的佛珠你带来了吗?我只是暂时放在你那裡,你以为我不记得了吗?」这位仁波切当即泪流满面,跪在噶玛巴面前向他深深的忏悔。从那天以后,他很坚决的拥护噶玛巴乌金钦列多杰,并且说服了很多夏玛巴的仁波切过来。