法王新闻 | 2013年05月
時間:2013年05月17日 17th May, 2013
地點:印度 達蘭沙拉 上密院 Gyuto Monastery, Dharamsala, India
བོད་རྒྱལ་ལོ། ༢༡༤༠ ས་ཟླའི་ཚེས་༧ དང་། ཕྱི་ལོ་2013ཟླ་ 5 ཚེས་ 17 ཉིན། དཔལ་༸རྒྱལ་དབང་༸ཀརྨ་པ་མཆོག་ལ་རྡ་ས་བཞུགས་སྒར་རྒྱུད་སྟོད་གྲྭ་ཚང་དུ་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བཤད་སྒྲུབ་བསྟན་པ་གོང་སྤེལ་ལྷན་ཚོགས་ཀྱི་ཉིན་བཞི་པའི་མཇུག་སྡོམ་གྱི་སྐུ་མགྲོན་གཙོ་བོར་ཇི་ལྟར་གསོལ་བ་བཏབ་པ་བཞིན་གོང་ཚེས་ཀྱི་སྔ་དྲོའི་ཕྱག་ཚོད་༡༡ཐོག་བཞུགས་མཚེར་ནས་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་དྲུང་ཆེ་ངག་དབང་ཆོས་གྲགས། སྣེ་ཤན་དྲུང་འཕར་ནོར་བུ་བཀྲ་ཤིས་ལགས་བཅས་ནས་ཕེབས་བསུ་ཞུས་ཏེ་རྒྱུད་སྟོད་གྲྭ་ཚང་ཆོས་རྭ་ཆེན་མོའི་ཚོམས་ཆེན་ནང་དུ་གདན་དྲངས་ཤིང་།
སྐུ་མགྲོན་གཙོ་བོ་དཔལ་༸རྒྱལ་དབང་༸ཀརྨ་པ་མཆོག་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དབུ་བཞུགས་ཐོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་མཁན་པོ་དགེ་བཤེས་རྣམ་པ། ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་གསར་འགོད་པ་བཅས་མི་གྲངས་༡༠༠བརྒལ་བ་ལྷན་དུ་འཛོམས། ཆོས་རིག་དྲུང་གཞོན་ཐུབ་བསྟན་ལགས་ནས་ལྷན་ཚོགས་ཉིན་བཞིའི་རིང་གི་གྲོས་གཞི་གཙོ་བོ་བཤད་སྒྲུབ་བསྟན་པ་མི་ཉམས་གོང་འཕེལ་དང་། གཞུང་ཆེན་རེ་རེའི་ཐོག་རིགས་གཅིག་རྐང་འཛིན་གསོ་སྐྱོང་དང་རིས་མེད་རྩོད་གྲྭ སྨོན་ལམ་ཆེན་མོ་ཚུགས་ཕྱོགས། མི་མང་དང་ན་གཞོན་སློབ་ཕྲུག་ལ་ཚད་མ་དང་ནང་ཆོས་སློབ་ཁྲིད། སྤྱི་ཚོགས་ནང་འདུལ་འཛིན་སྤྱི་ལ་མཚན་སྨད་འབྱུང་གཞིར་གདོང་ལེན་ཞུ་ཕྱོགས་ཀྱི་གྲོས་ཆོད་དོན་ཚན་ཁག་བརྒྱད་སྙན་སྒྲོན་ཞུས།
Youtube 视频